男子汉-索秀次仁尼玛
曲:索南达吉
词:索秀次仁尼玛
说唱:巴金旺甲
演唱:索秀次仁尼玛
སྟག་ཤར་པ་སྒོ་ཁའི་འདོགས་ཁྱི་མིན།།
སྤྲིན་དཀར་ཆུང་དེ་དང་མཉམ་འགྲོ་ཡིན།།
རླུང་བསེར་བ་དེ་དང་མཉམ་ལྡང་ཡིན།།
རོགས་ན་ཟླ་ཁ་བ་འབབ་འབབ་ཡིན།།
སྟག་ཤར་པ་ཁང་སྤུག་སྐུ་འདྲ་མིན།།
ཁ་ཤར་གཏད་ཤར་ལ་ལམ་ཡོད།།
ཁ་ནུབ་གཏད་ནུབ་ལ་ལམ་ཞིག་ཡོད།།
ས་གར་སོང་རང་གི་གཞི་ཁྱིམ་ཡིན།།
སྟག་ཤར་པ་ལ་ཁའི་ལ་རྫས་མིན་།།
ཐུར་འབབ་ནས་ཐང་ཆེན་རང་རྡལ་ཡིན།།
ལ་འཛེགས་ན་རི་མགོ་གནོན་ལེ་ཡིན།།
ལས་ཅི་ལས་འབྲས་བུ་རང་སྨིན་ཡིན།།